༄༅། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་སུ་ལས་དྲུང་གི་ས་མིག་སྟོང་པ་གཅིག་ཡོད་པའི་ཐོག་ཆོད་གན་ལས་བྱེད་གསར་འདེམས་བྱ་རྒྱུའི་གསལ་བསྒྲགས།


December 2, 2015 2:40 pm

༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་རྩིས་ཁང་དུ་ལས་དྲུང་གི་ས་མིག་སྟོང་པ་ཞིག་ཡོད་པར་ཁ་སྐོང་ཆེད་ལོ་གཉིས་རིང་གཉིས་མོས་ཆོད་གན་ (Contract) ངོ་བོར་ཐོག་ལས་བྱེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་དགོས་མཁོའི་ཆ་རྐྱེན་ཚང་ཞིང་ཆོད་གན་ལས་བྱེད་དུ་ཞུགས་བློ་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།.


༡༽ ཤེས་ཚད། ལས་དྲུང་ (Office Assistant) གནས་རིམ་ལ་ཉུང་མཐར་ཚད་ལྡན་མཐོ་སློབ་གང་རུང་ནས་ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.Com/M.Com) གང་རུང་ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།
༢༽ ལོ་ཚད། ༢༠༡༥།༡༠།༣༠ ཉིན་རང་ལོ་ ༤༠ ལས་མ་བརྒལ་བ་དགོས།
༣༽ ཉམས་མྱོང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གང་རུང་ཞིག་གི་ནང་རྩིས་ཀྱི་ལས་ཁུར་ཞུས་པའི་ཉམས་མྱོང་ཉུང་མཐར་ལོ་གཅིག་ཡོད་དགོས།
༣༽ རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག གཞི་རིམ་རྩིས་ཁྲ་བཟོ་ཉར་བཅས་སློབ་ཚན་གསུམ་ཐོག་འབྲི་རྒྱུགས་དང་། བོད་སྐད་དང། ཨིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།

གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་སུ་འབྲེལ་ལམ་གྱིས་ཞུ་སྙན་དང་སྦྲགས་གཤམ་གསལ་དགོས་མཁོའི་ཡིག་ཆ་ཁག་༢༠༡༥ ཟླ་ ༡༢ ཚེས་ ༣༠ ཉིན་རྒྱབ་ཚོུད་ ༥ པ་འགྱངས་མེད་ཉིད་ཀྱི་ཁྱིམ་གཞིས་དང། ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང། ཁ་དཔར་ཨང། གློག་འཕྲིན། (E-Mail) སོགས་ཁ་གསལ་བཀོད་དེ་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ།

༡༽རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང།
༢༽མཐའ་མའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Mark Sheet & Degree Certificate) གྱི་ངོ་བཤུས།
༣༽དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༤༽གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར། (RC) ཤོག་གྲངས་དང་པོ་དང། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
༥༽ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས་སམ་འཛིན་རིམ་བཅུ་པའི་ཡིག་རྒྱུགས་སྒྲུབ་འབྲས་ལག་འཁྱེར་ངོ་བཤུས།
༦༽བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Fitness Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༧༽འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༨༽གལ་སྲིད་ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter) ངོ་མ་བཅས་མཉམ་འབུལ་དགོས། གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་(Attestation) ཞུས་དགོས།

གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་མཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ ༢༠༡༥ ཟླ་ ༡༢ ཚེས་ ༢ ལ།།



འབྲེལ་བ་གནང་སའི་ཞལ་སྦྱང་གཤམ་གསལ།

Secretary
Department of Home, CTA
Gangchen Kyishong,
P.O. Dharamshala - 176215
Distt. Kangra (H.P.) - INDIA
Tel: +91-1892-222214/222412
Fax: +91-1892-225065
Email:

go