Choe-Jor scattered Tibetan Community

A brief story of scattered Tibetan Communities around Boudha & Jorpati:
Boudhanath Stupa in Boudha (Tib: Choeten JARUNG KHASHOR)

བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དང། ཇོར་པ་ཊི་ཁུལ་གནས་སྡོད་བོད་མི།

བལ་ཡུལ་མཆོད་འཇོར་ས་གནས་ཁུལ་འདིར་གནས་སྡོད་མི་མང་གིས་མང་གཙོའི་ལམ་ལུགས་དང། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་མང་ཚོགས་ཁྲོད་ནས་ཆ་རྐྱེན་ལྡན་པ་ཞིག་འོས་འདེམས་བྱས་ཤིང་ཕྱི་ལོ་ ༢༠༠༤།༢།༤ ཉིན་དངོས་སུ་འགོ་འཛུགས་ཐུབ་པ་བྱུང་ཡོད། མཆོད་འཇོར་ས་གནས་འགོ་འཛིན་ཁྱབ་ཁོངས་སུ་ཡོད་པའི་བོད་མི་སྐྱ་སེར་མི་གྲངས་བསྡོམས་ ༧༨༩༣ ཙམ་ཡོད་ཅིང། བལ་ཡུལ་མཆོད་རྟེན་དང་འཇོར་པ་ཊི་ས་གནས་གཉིས་སུ་རང་བདེན་ཚོགས་ཆུང་སོ་སོར་བཙུགས་ཡོད། ས་གནས་འགོ་འཛིན་ཁྱབ་ཁོངས་སུ་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དང། འཇོར་པ་ཊི་ཁུལ། ཏྲི་ཤུ་ལི། ལུམ་སྦི་ནི་བཅས་ས་ཁག་གསུམ་ཡོད།

ས་ཁུལ་འདི་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཀྲར་ ༡༣༥༠ ཙམ་དང། གནམ་གཤིས་གནས་སྟངས་ནི། དབྱར་དུས་བསིལ་ཞིང་ཆར་དུས་ཆར་ཞོད་ཆེ་ལ། དགུན་དུས་བསིལ་གྲང་སྙོམས་པ་ཞིག་ཡིན། འདི་གའི་ཁོངས་སུ་བོད་དགོན་ ༣༠ དང། ཚོགས་སྐྱིད་ཁག་ ༥༢། ད་དུས་སྲོང་བཙན་བལ་བཟའ་མཐོ་སློབ་གཏན་ཉིན་སློབ་གྲྭ་དང་རྣམ་རྒྱལ་མཐོ་རིམ་སློབ་གྲྭ བོད་གཞུང་འཕྲོད་བསྟེན་སྨན་ཁང་གཉིས་བཅས་ཡོད་པ་མ་ཟད། བོད་གཞུང་སྨན་རྩིས་ཁང་གི་སྨན་ཁང་ཚད་ལྡན་གཅིག ཤེས་རིག་དཔར་ཁང་ཕྱིར་ཚོང་ཁང། བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁུངས་བཅས་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་ལས་གཞིའི་རིགས་ཇི་སྙེད་ཅིག་ཡོད་པ་བཅས།། །།


go