བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཛ་དྲག་ངལ་སེལ་ཆེད་ཟ་ཆས་དང་སྨན་གྲོན་ཆེད་མཐུན་འགྱུར་རོགས་སྐྱོར་ཞུས་པ་བསྡོམས་ཧིན་སྒོར་ ༧༧,༢༩,༠༦༡།༠༠ ས་གནས་ཁག་ ༣༨ དང་རྒས་གསོ་ཁང་ ༢༡ ནང་རོགས་དངུལ་ཁུངས་འགྲེམས་ཞུས་ཡོད།

རྒྱ་ནག་ཝུ་ཧན་ནས་ཁྱབ་མཆེད་པའི་ཏོག་དབྱིབས་གཉན་རིམ་ COVID-19 འཛམ་གླིང་གང་སར་ཁྱབ་འདལ་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱ་གར་དང་འབྲུག་ནང་གནས་སྡོད་བོད་མི་ཉམ་ཐག་རྣམས་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་དང་འཕྲད་མུས་ལ་བརྟེན་ནང་སྲིད་ལས་ཁུངས་བརྒྱུད་ཨ་རི་སྤི་ར་ཨེམ་ PRM,USA རོགས་ཚོགས་ནས་རྒྱ་གར་དང་འབྲུག་ནང་གི་རྒས་གཅོང་མགོན་མེད་ཉམ་ཐག་རང་ལོ་ ༦༥ ཡན་གྲངས་ ༥༠༠ དང། རང་ལོ་ ༦༠ མན་གྱི་ནད་མནར་ཉམ་ཐག་གྲངས་ ༢༣༠ དེ་བཞིན་ནང་སྲིད་ནས་ཐད་ཀར་འཛིན་སྐྱོང་གནང་བཞིན་པའི་་རྒས་གསོ་ཁང་ ༡༣ དང་ཚོགས་སྐྱིད་ཁག་ནས་འཛིན་སྐྱོང་གནང་བཞིན་པའི་རྒས་གསོ་ཁང་ ༨ བརྒྱད་བཅས་ལ་ཟས་ཆས་དང་སྨན་གྲོན་དེ་བཞིན་འཚོ་སྣོན་སོགས་ཀྱི་ཆེད་ཛ་དྲག་ངལ་སེལ་རོགས་དངུལ་ཁུངས་འགྲེམས་ཞུས་ཡོད།

  • རྒས་གསོ་ཁང་ ༢༡ ནང་གི་རྒས་འཁོགས་གྲངས་ ༦༨༤ ལ་སྔོན་འགོག་སྨན་འདོད་དང་སྐམ་ཟས་ཁུངས་འབུལ་ཞུས་ཡོད།
  • རྒས་གཅོང་མགོན་མེད་ཧྲེང་པོ་གྲངས་ ༡༥༥ ལ་ཟླ་བ ༣ རིང་སྐམ་ཟས་དང་འཚོ་སྣོན་ཆེད་མི་རེར་ཧིན་སྒོར་ ༩༠༠༠།༠༠ དང་རྒས་གཅོང་ཉམ་ཐག་ནང་མི་ཡོད་པ་མི་རེར་སྒོར་ ༦༠༠༠།༠༠ རེ་ཁུངས་འགྲེམས་ཞུས་ཡོད།
  • རང་ལོ་ ༦༠ མན་ནད་མནར་ཉམ་ཐག་གྲངས་ ༢༣༠ ལ་ཟླ་བ ༣ རིང་སྐམ་ཟས་ཆེད་མི་རེར་འཚོ་ སྣོན་ཧིན་སྒོར་ ༦༠༠༠།༠༠ བཅས་ཁུངས་འབུལ་ཞུས་ཡོད།

འཚོ་སྣོན་བགོས་འགྲེམས་ཞུས་པའི་ཞིབ་ཁྲའི་ཕྱོགས་བསྡོམས་རེའུ་མིག

Menu