བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་ཤེས་ལོངས་ས་གནས་འགོ་འཛིན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ ༡༩ (COVID-19) སྔོན་འགོག་ལས་དོན་རྒྱ་ཆེ་སྤེལ་བ།

འདི་གའི་ཁྱབ་ཁོངས་དཀའ་ངལ་ཅན་ཁྱིམ་ཚང་ ༡༢ ལ་ཧིན་སྒོར་ ༡༣,༡༠༠ འབབ་ཀྱི་བཟའ་འབྲུ་འབུལ་འགྲེམས་ཞུས་ཡོད་པ་དང་མུ་མཐུད་དཀའ་ངལ་ཅན་རྣམས་ལ་རོགས་སྐྱོར་ཞུ་རྒྱུ། འདི་གའི་སམ་བྷོ་ཊ་སློབ་ཕྲུག་སྡོད་ཁང་སྟོང་པ་གཅིག་ཚོགས་བཀག་འགོག་དབྱེ་ཟུར་འཇོག་དུ་གོ་སྒྲིག་ཞུས་ཡོད།  དབུས་འཕྲོད་བསྟེན་ལས་ཁུངས་ནས་ཉེན་སྲུང་ཡོ་ཆས་ཁག་གསར་ཉོ་ཆེད་རོགས་དངུལ་མཐུན་འགྱུར་གནང་དོན་བཞིན་དེ་དག་མཁོ་གྲུབ་ཀྱིས་ཚོགས་བཀག་དགོག་དབྱེ་ཟུར་འཇོག་ནང་དང་འབྲེལ་ལས་བཅས་ལ་མཁོ་སྤྲོད་ཞུས་ཡོད། རྒྱ་གར་དབུས་གཞུང་ནས་སྒོ་རྒྱག་བཀའ་རྒྱ་ལྷོད་གཡེང་གིས་འགྲུལ་གཞུད་མཐུན་རྐྱེན་སྦྱར་རྗེས་ས་གནས་སུ་ཕྱིར་སློག་དང་ཐོན་མཁན་རྣམས་ལ་འགྲུལ་བཞུད་བཀའ་འཁྲོལ་ཞུ་སྒོ་མཚོན་པའི་མཐུན་འགྱུར་གང་ལེགས་ཞུས་ཐུབ་པ་བྱུང་ཡོད། དཔལ་ལྡན་བཀའ་ཤག་གི་ལམ་སྟོན་ལྟར་སྔ་འཕྲོས་རིང་ས་གནས་གང་དུ་ཡོད་ཀྱང་དེར་གནས་དགོས་པ་དང་འགྲིམ་འགྲུལ་རིགས་གནང་མ་དགོས་པའི་འབོད་སྐུལ་ཞུ་མུས་ཡིན། ནང་སྲིད་ལས་ཁུངས་ནས་ཁྱབ་ཁོངས་སོ་སོའི་ནང་བོད་མི་དཀའ་ངལ་ཅན་རིགས་ལ་གཟིགས་རྟོགས་ངེས་གནང་དགོས་པའི་བཀའ་ཕེབས་བཞིན། འདི་ནས་གཞིས་མི་གཅིག་ལ་མཐུན་འགྱུར་རྒྱ་ཆེ་ཞུས་ཡོད། དབུས་ཤེས་རིག་ལས་ཁུངས་ནས་འདི་གའི་ཁྱབ་ཁོངས་ཉམ་ཐག་ཨང་ཐོབ་ཅན་ཕྲུ་གུ་གཅིག་ལ་ཧིན་སྒོར་ ༢,༠༠༠ དང་གཞན་གཅིག་ལ་ཧིན་སྒོར་ ༥༠༠༠ གནང་བར་དོ་བདག་སོ་སོར་ཁུངས་འགྲེམས་ཟིན། འདི་ཁུལ་བོད་མི་གནས་སྡོད་བྱ་ཡུལ་ས་གནས་ཁག་ཏུ་དྭང་བླངས་རུ་ཁག་ནས་ཟླ་རེར་མཚམས་ཐེངས་གཅིག་དུག་སེལ་ལས་འགུལ་སྤེལ་དང་སྤེམ་མུས་ཡིན།  བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་མཉམ་རུབ་ཐོག་བོད་མི་རང་ལོ་ ༦༥ ཡན་རྣམས་ལ་ལུས་ཟུངས་གསོ་བྱེད་གསོལ་སྨན་མཐུན་བསྒྱུར་འོག་འདི་གའི་ཁྱབ་ཁོངས་ལོ་ན་ ༦༥ ཡན་སོན་པ་མི་གྲངས་ ༤༤ ལ་གསོལ་སྨན་བགོས་འགྲེམས་ཞུས་ཐུབ་པ་བྱུང་ཡོད། རྒྱ་ནག་ཝུ་ཧན་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས་སྒོ་རྒྱག་བཀའ་རྒྱ་བསྡམས་པའི་དུས་སྐབས་འདིར་དཀའ་སེལ་རོགས་སྐྱོར་ཞུ་ཆེད་དབུས་བོད་མི་སྒྲིག་འཛུགས་ནས་ད་རེས་ཐེངས་གཅིག་ངལ་སེལ་གུན་སྐྱོབ་གནང་རྒྱུའི་གསལ་བསྒྲགས་སྤེལ་དོན་བཞིན། འདི་གའི་ཁྱབ་ཁོངས་དངོས་ཡོད་དཀའ་ངལ་ཅན་མི་གྲངས་ ༡༠ ལ་ངལ་སེལ་སྒོར་…

བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་ཀུམ་རའོ་ས་གནས་འགོ་འཛིན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ ༡༩ (COVID-19) སྔོན་འགོག་ལས་དོན་སྤེལ་བའི་གནས་བསྡུས།

ས་གནས་སིར་མོར་ཛོང་ཁོངས་བོད་མིའི་གཞིས་ཆགས་བཞི་ནས་བསྡོམས་སྒོར་འབུམ་གཅིག་རྒྱ་གར་དབུས་སྲིད་བློན་མཆོག་གི་ངལ་སེལ་ཐེབས་རྩའི་མཚན་ཐོག་ཕུལ་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༦ ཉིན་ཀ་པོ་ཊ་ས་གནས་ཀྱི་རྒྱ་གར་གཞུང་སྨན་ཁང་གི་ཨེམ་ཆི་དང་སྨན་ཞབས་པ་བཅས་འདི་གའི་ཁྱིམ་བཀག་འགོག་དབྱེ་ཟུར་འཇོག་ནང་ཡོད་མི་གྲངས་གསུམ་ལ་རྟོག་ཞིབ་ཆེད་ཕེབས་ཡོད། དབུས་ཆོས་རིག་ལས་ཁུངས་ཀྱི་བཀའ་ཕེབས་དགོངས་དོན། ཏོག་དབྱིབས་གཉན་རིམས་ ༡༩ ཞི་ཐབས་སུ་བོད་ཚེས་ ༡༠ དང་རེས་གཟའ་ལྷག་པ་ནམ་ཡིན་ལ་གཞིས་མི་སོ་སོའི་རང་ཁྱིམ་དུ་བསངས་གསོལ་དང་འཕྲིན་བསྐུལ་ཟབ་རྒྱས་ཞུས་དང་ཞུ་མུས་ཡིན། དབུས་འཕྲོད་བསྟེན་ལས་ཁུངས་ནས་སྒོར་ ༡༧,༦༨༥ བཀའ་འཁྲོལ་བསྩལ་སྨིན་ལྟར་ཉལ་ཁྲི་ལྔ་ཅན་སྡོད་ཁང་ཞིག་ཚོགས་བཀག་འགོག་དབྱེ་ཟུར་འཇོག་དུ་གོ་སྒྲིག་ཞུས་ཐུབ་པ་བྱུང་ཡོད། དེ་བཞིན་ས་གནས་སུ་ཁྱིམ་བཀག་འགོག་དབྱེ་ཟུར་འཇོག་ཡང་ཡོད། ད་ཆ་རྒྱ་གར་གཞུང་ནས་འགྲུལ་བཞུད་གུ་ཡངས་བཏང་བར་འདི་ནས་གཞིས་མི་ ༣ ལ་འགྲུལ་བཞུད་མཐུན་འགྱུར་ཞུས་ཐུབ་པ་བྱུང་ཡོད། དབུས་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་པས་སྒོ་རྒྱག་བཀའ་རྒྱའི་ཛ་དྲག་དུས་སྐབས་འདིར་གཞིས་མི་ཉམ་ཐག་འ་འཆད་འུ་ཐུག་དང། ཁ་ཚ་དགོས་གཏུག་རྣམས་ལ་བཟའ་བཅའི་རིགས་མཐུན་འགྱུར་ཞུ་ཆེད་རོགས་དངུལ་བཀའ་འཁྲོལ་བསྩལ་བ་ལྟར། གཞིས་མི་གྲངས་ ༡༠ ལ་སྒོར་ ༡༠,༠༠༠ འབབ་ཀྱི་བཟའ་བཅའ་རིགས་མཁོ་སྤྲོད་ཞུས་ཡོད། དབུས་ཤེས་རིག་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ ༡༩ ཛ་དྲག་གནས་སྟངས་རྐྱེན་པས་ཉམ་ཐག་ཨང་ཐོབ་ཅན་ཕྲུ་གུའི་ཆེད་ཧིན་སྒོར་…
Menu